
རྒྱུད་ཁོངས Windows 7
རྒྱུད་ཁོངས Windows 7 ནི་ཆེས་དགའ་བསུ་ཐོབ་པའི་ཅོག་ངོས་བཀོལ་སྤྱོད་རྒྱུད་ཁོངས་དེ་མིན་མོད། འོན་ཀྱང་དེས་སྔར་བཞིན་ཨང་རིམ་གཉིས་པའི་གདན་ཐོབ་ཟིན་གྱི་ཡོད། སྤྱོད་མཁན་རྣམས་རྒྱུད་ཁོངས Windows 10 ལ་གནས་སྤར་བྱེད་པའི་ཆེད་དུ་ཕྲ་མཉེན་གྱིས་ཟླ་རྗེས་མ་ནས་བཟུང་རྒྱུད་ཁོངས Windows 7 སྟེང་དུ་ཉེན་བརྡ་གཏོང་གི་རེད།
ཚེས 21 ཉིན་ཕྲ་མཉེན་གྱིས་འདེམས་རུང་བའི་ Windows 7 གསར་བཅོས་གསབ་ཡིག་ཞིག་པར་འགྲེམས་བྱས་པ་དང་བཟོ་རྟགས་ནི་ KB4493132 ཡིན་པ་དེས་རྒྱབ་སྐྱོར་བརྡ་སྦྱོར་བྱེད་མགོ་རྩོམ་གྱི་རེད། རམ་འདེགས་ཡིག་ཚགས་ལྟར་ན། KB4493132(འདེམས་རུང) སྒྲིག་འཇུག་བྱས་རྗེས་རྒྱུད་ཁོངས་ Windows 7 ནང་དུ་རྒྱབ་སྐྱོར་བྱེད་མཚམས་འཇོག་རྒྱུ་ཡིན་པའི་བརྡ་སྦྱོར་གྱི་ནང་དོན་མཐོང་བར་བྱས་ནས་མ་འོངས་པའི་བཟོ་བཅོས་ཐད་ནས་སྤྱོད་མཁན་ལ་གསལ་འདེབས་གནང་གི་རེད།
ཕྲ་མཉེན་གྱིས་གསལ་བཤད་བྱས་དོན། ལོ་ངོ་བཅུ་ཕྲག་རིང་གི་ཞབས་ཞུ་བརྒྱུད་མཐར། 2020 ལོའི་ཟླ 1 ཚེས 14 ཉིན་ཕྲ་མཉེན་གྱིས་ Windows 7 SP1 འཁོར་བསྐྱོད་བྱེད་པའི་རྩིས་འཁོར་ལ་བདེ་འཇགས་གསར་བཅོས་ཀྱི་མཇུག་མཐའི་རྒྱབ་སྐྱོར་བྱེད་པ་དང་། གསར་བཅོས་འདིར་རྒྱུད་ཁོངས Windows 7 དང་འབྲེལ་བའི་རྒྱབ་སྐྱོར་གསལ་འདེབས་སྤྱོད་མགོ་ཚུགས་ཡོད་ཟེར།
ཕྲ་མཉེན་གྱིས་བཤད་པ་ལྟར་ན། གལ་སྲིད་སྤྱོད་མཁན་གྱིས་རྒྱུད་ཁོངས Windows 7 ཁྲོད་དུ་རང་འགུལ་གསར་བཅོས་སུ་སྒྲིག་འགོད་བྱས་ཡོད་ཚེ། ཐེངས་འདིའི་གསར་བཅོས་འདི་རང་འགུལ་གྱིས་སྒྲིག་འཇུག་བྱེད་སྲིད། གསར་བཅོས་འདིས་ནི་ཕྲ་མཉེན་ལ་མི་འགྱངས་པར་རྒྱུད་ཁོངས Windows 7 ཁྲོད་དུ་ཉེན་བརྡ་འཆར་བར་བྱེད་ཆོག་པར་བྱས་ནས་སྤྱོད་མཁན་ལ་བཀོལ་སྤྱོད་རྒྱུད་ཁོངས་ཀྱི་ལག་རྩལ་རམ་འདེགས་མི་འགྱངས་པར་མཇུག་རྫོགས་རྒྱུ་ཡིན་པར་གསལ་འདེབས་གནང་གི་རེད།
མིག་སྔར། རྒྱུད་ཁོངས Windows 7 སྟེང་དུ་གསར་བཅོས་སྒྲིག་འཇུག་བྱས་རྗེས་ཉེན་བརྡ་སོགས་བརྡ་སྦྱོར་གང་ཡང་མཐོང་གི་མེད་པ་དང་། ཐུགས་མཉམ་འཇོག་དགོས་ས་ཞིག་ནི། བརྡ་སྦྱོར་དེར་རྒོལ་བའི་རང་བཞིན་ཅི་ཡང་མི་ལྡན་པར་མ་ཟད། བརྡ་སྦྱོར་གསལ་འདེབས་གཏན་དུ་འགྲོལ་བ་འདེམས་ཆོག་པ་དེ་རེད།
ནང་དོན་འདི་ནི་ སྨིན་དྲུག་ཚན་རྩལ། གྱི་རྩོམ་པ་པོ:xueyugege ལགས་ཀྱིས་སྤེལ་བ་ཡིན།
འདིའི་བདག་དབང་ཡོད་ཚད་ སྨིན་དྲུག་ཚན་རྩལ། ཚང་ལ་དབང་། ནང་དོན་འདི་ནི་རྩོམ་པ་པོ་རང་ཉིད་ལྟ་བ་ལས་ སྨིན་དྲུག་ཚན་རྩལ། གྱི་ལྟ་བ་མཚོན་མི་ཐུབ། གལ་ཏེ་བརྒྱུད་བསྐུར་བྱ་དགོས་ན་ངེས་བར་དུ་ནང་དོན་གྱི་ཡོངས་ཁོངས་གསལ་བོར་འགོད་དགོས།